Cancer Medical Dental Program

  • Home
  • Cancer Medical Dental Program

Cancer Medical Dental Program Medical & Health Social Service

Wishing you a very happy and  healthy birthday to his holiness the 14th Dalai Lama.We are forever grateful to you 🙏
05/07/2021

Wishing you a very happy and healthy birthday to his holiness the 14th Dalai Lama.
We are forever grateful to you 🙏

Love and compassion!
30/07/2018

Love and compassion!

Dedication to 7 Billion humans and HH Dalai Lama!
30/07/2018

Dedication to 7 Billion humans and HH Dalai Lama!

Blessed!
30/07/2018

Blessed!

30/07/2018
སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཉིན་ཉེར་བཞི་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༨ཉིན། དེ་ཉིན་ཞོགས་པ་ནས་སེ་ལ་ཁུལ་ལག་ཤེས་...
20/07/2018

སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཉིན་ཉེར་བཞི་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༨ཉིན། དེ་ཉིན་ཞོགས་པ་ནས་སེ་ལ་ཁུལ་ལག་ཤེས་བཟོ་སློབ་ཁང་གི་དགེ་ལས་ལས་བྱེད་ནད་རྟགས་ངོས་འཛིན་ཟིན་པ་རྣམས་ལ་སྨན་བཅོས་དངོས་སུ་འགོ་འཛུགས་དང་ལེགས་གྲུབ་ཟིན། དེ་མཚུངས་བར་གསེང་ནས་སྨན་པ་རྣམས་ཀྱིས་ལག་ཤེས་བཟོ་སློབ་ཁང་གི་ཁོར་ཡུལ་ལས་གྲྭར་ལྟ་སྐོར་དུ་བསྐྱོད་རྒྱུའི་གོ་སྐབས་ཀྱང་བྱུང་། མཐར་ཕྱི་དྲོ་ལས་རིམ་ཡོངས་སུ་གྲུབ་རྗེས་ལག་ཤེས་བཟོ་སློབ་ཁང་གི་འགན་འཛིན་ལས་བྱེད་རྣམས་ཀྱི་གོ་སྒྲིག་འོག་གྱེས་ཁའི་གསོལ་སྟོན་བཤམས་ཏེ་སླད་མར་དེ་གར་ལས་རིམ་དེ་གྲས་གོ་སྒྲིག་བྱ་ཐུབ་རྒྱུའི་རེ་སྐུལ་དང་བཅས་ལས་འདི་ལོའི་སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཡོངས་སུ་བཀྲ་ཤིས་བདེ་ལེགས་ངང་ལེགས་གྲུབ་ཟིན་ཡོད།
-------
Day 24th - 18th July 2018 | Completed Cancer Medical and Dental treatment of ITI SOS Selaqui students and staff. After the treatment, all the team of doctors went their campus for educational visit. At the evening, ITI SOS organised farewell dinner party. We have completed 2018 Cancer Medical and Dental Program (25th June 2018 - 19th July 2018) happily and successfully.

སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཉིན་ཉེར་གསུམ་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༧ཉིན། དེ་ཉིན་སེ་ལ་ཁུལ་ལག་ཤེས་བཟོ་སློབ་...
20/07/2018

སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཉིན་ཉེར་གསུམ་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༧ཉིན། དེ་ཉིན་སེ་ལ་ཁུལ་ལག་ཤེས་བཟོ་སློབ་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ལ་བརྟག་དཔྱད་ལས་རིམ་ལེགས་གྲུབ་བྱུང་ཡོད། དེའི་ཕྱི་ཉིན་ཕྱི་ཚེས་༡༨ཉིན་ནད་རྟགས་ངོས་འཛིན་ཟིན་པའི་ནད་པ་རྣམས་ལ་དུས་ཐུང་ནང་སྨན་བཅོས་ཐུབ་གྲས་ལ་སྨན་བཅོས་ཞུ་རྒྱུ་དང་། མ་ཐུབ་པ་རྣམས་ལ་སྨན་བཅོས་ལམ་སྟོན་ཞུ་རྒྱུ་ལས་རིམ་བཅས།
------
Day 23rd - 17th July 2018 | Completed screening at SOS ITI Selakui's all the students and staffs. Treatment followed by next day.

སྤྱི་ལོ་༢༠༡༨ཟླ་༧ཚེས་༡༧ཉིན། ཞོགས་པ་སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཡོངས་སུ་འདུ་འཛོམས་ཐོག་སྨན་པ་མཁས་དབང་བསྟན་འཛིན་དགྲ་...
20/07/2018

སྤྱི་ལོ་༢༠༡༨ཟླ་༧ཚེས་༡༧ཉིན། ཞོགས་པ་སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭའི་དགེ་ལས་ཡོངས་སུ་འདུ་འཛོམས་ཐོག་སྨན་པ་མཁས་དབང་བསྟན་འཛིན་དགྲ་འདུལ་ལགས་ནས་སློབ་ཕྲུག་རྣམས་ལ་རང་ཉིད་ཀྱི་མི་ཚེའི་མདུན་ལམ་འཚོལ་སྟངས་ཀྱི་བརྒྱུད་རིམ་དང་སྦྱར་ཏེ་སློབ་ཕྲུག་ཚོས་སློབ་སྦྱོང་བྱ་སྟངས་ཐད་ལམ་སྟོན་གཏམ་བཤད་གནང་ཞིང་། ཁོང་རང་ཉིད་ལ་མཚོན་ན་ཁྱིམ་ཚང་ཧ་ཅང་ཕལ་པ་ཞིག་ནས་འཚར་ལོངས་བྱུང་ཞིང་། སློབ་སྦྱོང་གི་བརྒྱུད་རིམ་ནང་གཞུང་དང་ཚོགས་སྡེ་སུ་ཞིག་གི་སློབ་ཡོན་སོགས་ཅི་ཡང་མ་ཐོབ་ནའང་། མཐར་ཨ་རིའི་ཆེས་ཕུལ་བྱུང་གི་གཙུག་སློབ་ཆེན་གྱི་ཚད་མཐོའི་སྨན་པའི་སློབ་དཔོན་དུ་གྱུར་བ། དེ་བཞིན་གཙུག་ལག་སློབ་ཆེན་ནང་གི་ཕུལ་བྱུང་སློབ་དཔོན་གྱི་གཟེངས་རྟགས་དུ་མ་ཐོབ་པ་སོགས་ཀྱི་དཀའ་ཚེགས་ཅན་གྱི་བརྒྱུད་རིམ་ངོ་སྤྲོད་གནང་སོང་། དེ་བཞིན་ཁོང་རང་ངོས་ནས་བོད་ཕྲུག་འབུམ་རམས་པའི་སློབ་སྦྱོང་བྱ་མཁན་བཞིར་སློབ་ཡོན་གྱི་སྦྱིན་བདག་བྱ་བཞིན་འདུག་པ་དང་། ཕྱིས་སུ་ཨ་རིའི་གྲགས་གཙུག་ལག་སློབ་ཆེན་འགའ་དང་མཉམ་འབྲེལ་འོག་འབྱུང་འགྱུར་བོད་ཕྲུག་༥༠༠མཐོ་རིམ་སློབ་སྦྱོང་སྤྲོད་རྒྱུའི་ལས་གཞི་གཉེར་རྒྱུ་ཡིན་པ་སོགས་ཀྱི་གལ་ཆེན་དོན་ཆེན་གྱི་རླབས་ཆེན་ལས་གཞི་འགོ་འཛུགས་ཟིན་པ་སོགས་ངོ་སྤྲོད་གནང་སོང་།
-------
Day 22th - 17th July 2018 | In the morning, Dr.Dadul spoke on quality of education and how you can transform from nothing to someone who can be inspiration for others. Also he shared glimpse about hurdles and hardship that he faced for higher education. He concluded the talk that only education is the key factor to bring prosperous for society and future generation.

སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཉིན་ཉེར་གཅིག་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༦ཉིན། |   དེ་རིང་ཕྱི་དྲོ་ཨ་རིའི་བྱང་ཁེ...
16/07/2018

སྐྲན་ནད་དང་སོ་ནད་རིན་མེད་སྨན་བཅོས་སྐོར་སྐྱོད་ཉིན་ཉེར་གཅིག་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༦ཉིན། | དེ་རིང་ཕྱི་དྲོ་ཨ་རིའི་བྱང་ཁེ་རོ་ལི་ན་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྨན་པ་མཁས་དབང་བསྟན་འཛིན་དགྲ་འདུལ་ལགས་ནས། སེ་ལ་ཁུལ་བོད་རིགས་ལག་ཤེས་བཟོ་སློབ་ཁང་གི་སློབ་ཕྲུག་རྣམས་ལ་འཚམས་འདྲིའི་ཐུག་འཕྲད་གནང་ཞིང་། དེ་དོན་དུས་ཡུན་ཆུ་ཚོད་གཉིས་མ་ཟིན་ཙམ་རིང་སྐབས་དོན་ལག་ཤེས་བཟོ་སློབ་ཁང་གི་རིན་ཐང་དང་གལ་འགངས་ཆེ་ཆུང་ཇི་ཙམ་ཡིན་མིན་ཐད་གཏམ་བཤད་ལམ་སྟོན་གནང་སོང་། དེ་དང་ཕྱོགས་མཚུངས་ལག་ཤེས་བཟོ་སློབ་ཁང་འདིའི་དགེ་སློབ་རྣམས་ལ་སྐྲན་ནད་དང་སོ་ནད་གཙོས་རྒྱུན་གཏན་གྱི་འཕྲོད་བསྟེན་གནས་ཚུལ་གལ་ཆེའི་རིགས་ངོ་སྤྲོད་དང་། མཐར་ཆང་རག་དང་ཉལ་ཐ་སོགས་ཀྱི་གནོད་སྐྱོན་ཇི་ཡོད་སོགས་ཕྱོགས་ཀུན་ནས་དོ་སྣང་དང་རང་གིས་རང་ཉིད་ལ་བདག་པོ་ཇི་ལྟར་རྒྱག་དགོས་མིན་སོགས་ཀྱི་བཀའ་སློབ་གནང་སོང་།
------
Day 21-14thJuly2018 -7pm to 9pm Cancer Medical Dental Program started with Dr.Dadul la introduction of Cancer to ITI TCV selakui student. He also spoke on the importance of the education of the vocational skills and talent around the world.

སྐྲན་ནད་དང་སོ་ནད་རིན་མེད་སྐོར་སྐྱོད་ཉིན་ཉེར་གཅིག་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༦ཉིན། | དེ་རིང་སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭའི་དགེ...
16/07/2018

སྐྲན་ནད་དང་སོ་ནད་རིན་མེད་སྐོར་སྐྱོད་ཉིན་ཉེར་གཅིག་པ། སྤྱི་ལོ་༢༠༡༨ཟླ་༧ཚེས་༡༦ཉིན། | དེ་རིང་སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭའི་དགེ་རྒན་དང་ལས་བྱེད་རྣམས་ལ་བརྟག་དཔྱད་སྨན་བཅོས་ཡོངས་སུ་ལེགས་གྲུབ་ཟིན་ཞིང་། ཉིན་རྒྱབ་ཏུ་རྒྱུན་གཏན་གྱི་ལས་རིམ་བཞིན་སྐྲན་ནད་འབྲེལ་ཡོད་སྨན་ཁབ་བརྒྱབས་པ་སོགས་ཀྱི་སྨན་བཅོས་འཐུས་ཚང་ལེགས་གྲུབ་བྱུང་ཡོད།
------
Completed Cancer Medical and Dental screening and treatment of TCV Selakui School staffs.

Address


Website

Alerts

Be the first to know and let us send you an email when Cancer Medical Dental Program posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Practice

Send a message to Cancer Medical Dental Program:

  • Want your practice to be the top-listed Clinic?

Share

Share on Facebook Share on Twitter Share on LinkedIn
Share on Pinterest Share on Reddit Share via Email
Share on WhatsApp Share on Instagram Share on Telegram

8,864 children, special kids and schools treated successfully!

Succeed of 2018 Program (Cancer Medical Dental Program)