24/02/2026
རྩ་བའི་བླ་མ་འབྲི་གུང་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ལ་བསྟོད་པ།།
༧སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་འབྲི་གུང་པ། །
སྙིང་རྗེའི་ཡང་སྤྲུལ་སྐྱབས་མགོན་ཡིད་བཞིན་མཆོག །
མཁྱེན་བརྩེ་ནུས་པའི་འོད་སྣང་ཕྱོགས་ཀུན་མཛེས། །
མར་མེའི་འོད་ལྟར་འགྲོ་ཀུན་རྨོངས་མུན་སེལ། །
རྡོ་རྗེ་འཆང་དང་ཏི་ལོ་ན་རོ་དང་། །
མར་པ་མི་ལ་རས་དང་སྒམ་པོ་པ། །
ཕག་མོ་གྲུབ་དང་འཇིག་རྟེན་མགོན་པོའི། །
རིང་ལུགས་ཉམས་ལེན་བྱིན་རླབས་བརྒྱུད་པ་རྣམས། །
ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་གནང་། །
གཏེར་མཛོད་བཞིན་དུ་མི་ཟད་གཞི་བཙུགས་སོ། །
བསྟན་འགྲོའི་དོན་ལ་ཞབས་པད་བརྟན་དུ་གསོལ། །
སྐུ་ཚེ་བསྐལ་བརྒྱར་བར་དུ་གནས་གྱུར་ཅིག ། Al glorioso Drikung Kyabgön Yidzhin Norbu, corona del linaje y reencarnación de la compasión, cuya sabiduría ilumina como lámpara en la oscuridad, portador vivo de las bendiciones de Buda Vajradhara, Tilopa, Naropa, Marpa, Milarepa, Gampopa, Phagmodrupa y Jigten Sumgön — te suplicamos permanezcas por el bien de todos los seres. ¡Que tu vida dure cien eones!
Con fe, devoción y alegría, postramos humildemente nuestra cabeza ante tus pies de loto. # #